72044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་བརྒྱ་བ་དང་དགའ་ཁྲི་གོ་ལྔ་པ་ཡེ་ཤེས་རྒྱ་མཚོ་ནི། མི་ཉག་ལྷུན་པོ་ཚང་དུ་འཁྲུངས། དེ་ནས་རིམ་པས་བློ་གླིང་དང་རྒྱུད་སྟོད་དུ་ཞུགས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་དབང་བསྒྱུར་ཏེ་རྒྱུད་པའི་བླ་དབུ་དང་། མཁན་ཁྲིར་སོགས་ཕེབས། ཕྱི་ལོ་ ༡༩༤༧ མེ་ཕག་ལོར་དགའ་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཁྲི་ཟུར་ནས་ལོ་བཞིའི་མཚམས་ཚེ་མཆོག་གླིང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དགའ་ལྡན་དུ་གཤེགས་ཚུལ་བསྟན།
ཡེ་ཤེས་རྒྱ་མཚོ་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ཇོ་ནང་། གཞན་སྟོང་དབུ་མ་བདེ་གཤེགས་སྙིང་པོའི་མཚན་གྱི་རྣམ་གྲངས་ཅིག་སྟེ། དོན་དམ་གྱི་མཚན་བརྗོད་ཀྱི་རྒྱུད་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་མཚན་གྱི་རྣམ་གྲངས་བརྒྱད་ཅུ་བྱུང་བའི་ཡ་གྱལ་ཞིག་ཡིན་ལ། དེ་ཡང་སྟོང་གཞི་དོན་དམ་གཞན་སྟོང་ཉིད་དེའི་མཚན་གཞི་ཡིན་པར་ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོར་(ཆོས་ཉིད་ཀྱི)ཡེ་ཤེས་རྒྱ་མཚོ་མཁའ་ཁྱབ་དང༌། ཞེས་གསུངས། །
Domain [ཆོས་ལུགས།, ལྟ་གྲུབ།]