72049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་རྡོ་རྗེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་འཁྲུངས། པཎ་གྲུབ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་གཏོར་མའི་ཆོ་ག་དང་བླ་མའི་མཎྜལ་གྱི་ཆོ་ག དཔལ་འཁོར་ལོ་སྡོམ་པའི་བསྟོད་པ། དཔལ་མཁའ་འགྲོ་རྒྱ་མཚོའི་མངོན་པར་དབང་བསྐུར་བའི་ཆོ་ག དཔལ་མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག དཔལ་རྡོ་རྗེ་རྣལ་འབྱོར་མའི་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་རིམ་པ། གཞན་དོན་སློབ་མ་རྗེས་སུ་བཟུང་པའི་ཆོ་ག་བཅས་བཞུགས།
ཡེ་ཤེས་རྡོ་རྗེ་ (2)
Part of speech མིང་ཚིག
Definition སྔགས། སྙིང་གའི་མི་འཇིག་པའི་ཐིག་ལེ།
Domain ཆོས་ལུགས།