72053
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རྩེ་བའི་རིན་པོ་ཆེའི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ། ཚུལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། ཚུལ་གྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་རྒྱལ་པོ་བྱ་བའི་ཆོས་ཀྱི་སྒོ། དད་པ་འཕྱོས་པའི་གནས་ཀྱི་རྣམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། ནམ་མཁའ་ལེགས་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། བུམ་པ་ཤིང་གི་མགོ་ཐོག་ཅན་གྱི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱ་མཚོ་ཟབ་མོ་མི་འཁྲུགས་པ་ལྟ་བུ་རི་བློ་གྲོས་ལ་འཇུག་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རབ་ཏུ་དུལ་བའི་གཟི་བརྗིད་སྟོབས་ཅན་གྱི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། བསམ་གྱིས་མི་ཁྱབ་པའི་གནས་ཀྱི་མཐའ་ལ་མི་རྟོགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། བསྐལ་པ་ལ་ཁྱབ་པ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |