72055

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ༡ འཇིག་རྟེན་པའི་ཡེ་ཤེས་ནི། མུ་སྟེགས་ཅན་དང༌། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡོད་པ་དང༌། མེད་པ་ལ་མངོན་པར་ཞེན་པའོ། །༢ འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ལ་མངོན་པར་ཞེན་པའོ། །༣ འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པར་མཐོང་བ་དང༌། ཡོད་པ་དང༌། མེད་པའི་ཕྱོགས་དང་བྲལ་བ། དེ་བཞིན་གཤེགས་པའི་ས། གང་ཟག་དང༌། ཆོས་བདག་ཏུ་མེད་པ་སོ་སོ་རང་གིས་རིག་པ་ལས་བྱུང་བའོ། །
Domain ཆོས་ལུགས།
ཡེ་ཤེས་རྣམ་པ་གསུམ་ (2)
Part of speech མིང་ཚིག
Definition ༡ སྐྱེ་བ་དང་འཇིག་པ་རྟོགས་པའི་ཡེ་ཤེས་ནི། དེ་ལ་སྐྱེ་ཞིང་འཇིག་པ་ནི་རྣམ་པར་ཤེས་པ། །མི་སྐྱེ་མི་འཇིག་པ་ནི་ཡེ་ཤེས་སོ། །༢ རང་དང་སྤྱིའི་མཚན་ཉིད་རྟོགས་པའི་ཡེ་ཤེས་ནི། མཚན་མ་དང་མཚན་མ་མེད་པར་ལྷུང་བ་དང༌། ཡོད་པ་དང་མེད་པར་ལྷུང་བ་དང༌། མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་ཤེས་པའོ། །ཡོད་པ་དང་མེད་པའི་མཚན་ཉིད་ལས་ཤིན་ཏུ་འདས་པ་ནི་ཡེ་ཤེས་སོ། །༣ སྐྱེ་བ་མེད་པ་དང་འགག་པ་མེད་པ་རྟོགས་པའི་ཡེ་ཤེས་ནི། གཞན་ཡང་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ།