72061
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ས་བཅུ་པ་ཐོབ་པ་ལ་བརྟེན་ནས་འཁོར་བ་ཇི་སྲིད་པར་འབད་རྩོལ་གྱི་མཚན་མེད་པར་གཞན་དོན་ལྷུན་འགྲུབ་ཏུ་བྱེད་པའི་སྒྲུབ་པ་ཞིག་ལ་ཟེར། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། དེའི་འོག་ཏུ་ས་བཅུ་པ་བ་དེ་ལ་འཁོར་བ་ཇི་སྲིད་བར་འབད་རྩོལ་གྱི་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པར་གཞན་གྱི་དོན་གྱི་ཡེ་ཤེས་འབྱུང་བའི་ཕྱིར་ན་དེའི་རྒྱུད་ཀྱི་ཆོས་ཉིད་ཆོས་ཅན། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་ཡིན་ཏེ། དེས་ཁྱོད་ལ་དམིགས་ཏེ་གོམས་པ་ལས་རང་ཉིད་གོང་འཕེལ་དུ་འགྲོ་བའི་དེའི་ཆོས་ཉིད་ཡིན་པའི་ཕྱིར། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |