72063
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། ༡ འདི་ལྟར་ཐ་དད་པ་ཡང་དག་པར་ཤེས་པའི་ཡེ་ཤེས་མི་ཟད་པ་ལ་རྣམ་པར་འཕྲུལ་བ། ༢ རྨོངས་པ་མེད་པའི་གཟུངས་ཐམས་ཅད་ཐོབ་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༣ སྨོན་ལམ་ཤིན་ཏུ་རྣམ་པར་གདོན་མི་ཟ་བ་བསྟན་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་འཛིན་པ་དང་། ཁོང་དུ་ཆུད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༤ རང་གི་སེམས་ཀྱི་ཡེ་ཤེས་ཕ་རོལ་གྱི་སེམས་ཀྱི་ཡེ་ཤེས་དང་སེམས་གཅིག་ལས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་དང་། རྣམ་པར་གཡོ་བར་བྱེད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༥ སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། བག་ཆགས་དང་། ཉོན་མོངས་པའི་ནད་ལ་གང་དང་འབྱོར་བའི་སྨན་ཡང་དག་པར་གཏོང་བའི་ཡེ་ཤེས་རྣམ་པར་འཕྲུལ་བ། ༦ དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྐད་ཅིག་གཅིག་གིས་འཇུག་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༧ དུས་གསུམ་གྱི་བསྐལ་པའི་གྲངས་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་ཡངས་པ་སེམས་ཅན་གཞན་གྱིས་ཐོབ་པར་བྱེད་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༨ ཐོགས་པ་མེད་པའི་སེམས་ཀྱི་སྐད་ཅིག་ཏུ་མངོན་པར་འཚང་རྒྱ་བར་འགྲོ་བ་ཐམས་ཅད་དུ་ཡོངས་སུ་སྟོན་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༩ སེམས་ཅན་གཅིག་གི་འདུ་ཤེས་ཀྱིས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ལས་དང་། བྱ་བ་ལ་མངོན་སུམ་དུ་ཡེ་ཤེས་ལ་རྣམ་པར་འཕྲུལ་བ། ༡༠ སེམས་ཅན་གཅིག་གི་སྒྲ་དབྱངས་ཀྱིས་སྒྲ་ཐམས་ཅད་ལ་འཇུག་པ་ཡོངས་སུ་སྟོན་པའི་ཡེ་ཤེས་ལ་རྣམ་པར་འཕྲུལ་བའོ། ། |
| Domain | ཆོས་ལུགས། |