72072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་ལྔ་ (1)
Part of speech མིང་ཚིག
Definition མདོ། ཡེ་ཤེས་ལྔ་ནི། ཆོས་དབྱིངས་ཡེ་ཤེས་དང་། མེ་ལོང་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་དང་། སོར་རྟོག་ཡེ་ཤེས་དང་། བྱ་གྲུབ་ཡེ་ཤེས་ཏེ། སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཡེ་ཤེས་ལྔ་ནི། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པ་ནི་ཆོས་དབྱིངས་ཡེ་ཤེས། མཁྱེན་ཆ་འགགས་པ་མེད་པ་ནི་མེ་ལོང་ཡེ་ཤེས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ནི་མཉམ་ཉིད་ཡེ་ཤེས། ཤེས་བྱ་ཐམས་ཅད་མ་འདྲེས་པར་ཅིག་ཆར་དུ་མཁྱེན་པ་ནི་སོར་རྟོག་ཡེ་ཤེས། དམིགས་མེད་སྙིང་རྗེ་ཆེན་པོས་འགྲོ་དོན་ཐོགས་པ་མེད་པར་མཁྱེན་པ་ནི་བྱ་གྲུབ་ཡེ་ཤེས་སོ། །ཞེས་གསུངས། འདི་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཞེས་ཀྱང་གྲགས་སོ། །
Domain ཆོས་ལུགས།

{{#arraymap:ཡེ་ཤེས་ལྔ་

|; |@@@ | | }}

ཡེ་ཤེས་ལྔ་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྟོང་པ་ཉིད་ཀྱི་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས་དང་ལྔའོ། །

{{#arraymap:ཡེ་ཤེས་ལྔ་

|; |@@@ | | }}

ཡེ་ཤེས་ལྔ་ (3)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག ཡེ་ཤེས་ལྔ་པོར་དཔེའི་སྒོ་ནས་བཏགས་པའི་མཚན་ལྔ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས། ཆེན་པོ་ལྟ་བུའི་ཡེ་ཤེས། ཕྱོགས་བཅུ་ལྟ་བུའི་ཡེ་ཤེས། ནམ་མཁའ་ལྟ་བུའི་ཡེ་ཤེས། ཡིད་བཞིན་ནོར་བུའི་ཡེ་ཤེས་དང་ལྔའོ། །

{{#arraymap:ཡེ་ཤེས་ལྔ་

|; |@@@ | | }}