72073
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཡེ་ཤེས་ལྔའི་རྒྱན་ནི། གཞལ་ཡས་ཁང་གི་རྒྱན་ཁ་དོག་སྣ་ལྔའི་ཕྲེང་བ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ཡེ་ཤེས་ལྔའི་རྒྱན་གྱི་ཁྱད་པར་ཁོ་ནར་སྨོས་པའི་ཕྱིར། ཡེ་ཤེས་རིན་པོ་ཆེའོ། །དེ་ཡང་རིགས་ལྔ་ཁོ་ནའི་རང་བཞིན་པས། སྣ་ཚོགས་ཀྱི་ཕྲེང་བ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོ་སྟེ། རིམ་པ་བཞིན་དུ་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་དང་། ཐུགས་ཀྱི་རྡོ་རྗེའི་རིགས་རྣམས་སོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |