72077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་སེམས་ཀྱི་གསས་མཁར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དབྱིངས་ཤེས་དབྱེར་མེད་ཀྱི་བྱང་ཆུབ་སེམས་ལ་འགལ་མཐུན་གྱི་གཉེན་པོ་གང་གིས་ཀྱང་གཞིགས་སུ་མེད་པས་ན་ཡེ་ཤེས་སེམས་ཀྱི་གསས་མཁར་ཞེས་སྔགས་འགྲེལ་ལས་གསུངས་པའམ། ཡང་ན་ཡེ་ནས་གནས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེའི་དོན་ལ་ཏིང་འཛིན་རིག་པས་ཇི་བཞིན་མཉམ་པར་གནས་པ་ལ་བྱ་སྟེ། བསེན་ཐུབ་ལས། ཡེ་ནས་བྱང་ཆུབ་སེམས་ཉིད་ལ། ཤེས་པས་དེ་ལ་གནས་པས་ན། ཡེ་ཤེས་སེམས་ཀྱི་གསས་མཁར་ཡིན། ཞེས་པས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]