72078

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེ་ཤེས་སེམས་དཔའ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་འཁྲུངས། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་མནོས། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། པཎ་གྲུབ་དུ་མ་ལས་ལེགས་སྦྱར་གྱི་སྐད་ཡིག་ལ་ཐོས་བསམ་མཛད་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྡོ་རྗེ་སློབ་དཔོན་ཛ་ཡ་ཙནྡྲས་མཛད་པའི་སྒྱུ་འཕྲུལ་ཆེན་པོའི་རྒྱུད་ཀྱི་དཀའ་འགྲེལ་སྒྱུ་མ་ཅན་ཞེས་བྱ་བ་བཞུགས།
ཡེ་ཤེས་སེམས་དཔའ་ (2)
Part of speech མིང་ཚིག
Definition སྔགས། བསྐྱེད་རིམ་སེམས་དཔའ་སུམ་བརྩེགས་ཀྱི་ནང་གསེས་ཤིག་སྟེ། དམ་ཚིག་པའི་ཐུགས་ཀར་པད་ཉི་ལ་སོགས་པའི་གདན་ལ་དམ་ཚིག་པ་དང་འདྲ་བའི་ལྷ་བསྒོམ་པ་དང༌། དམ་ཚིག་པ་དང་སྐུ་མདོག་ཞལ་ཕྱག་མི་འདྲ་བ་བསྒོམ་པ་དང༌། ས་བོན་ལས་བྱུང་བའི་ཕྱག་མཚན་བསྒོམ་པ་སོགས་སོ། །
Domain ཆོས་ལུགས།
ཡེ་ཤེས་སེམས་དཔའ་ (3)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག ཡེ་ཤེས་སེམས་དཔའ་ནི། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། བདག་གི་ཐུགས་ཀར་ནི་ཉི་མའི་དཀྱིལ་འཁོར་གསེར་གྱི་པ་ན་འབྲིང་པོ་ཙམ་གྱི་སྟེང་དུ། བདག་དང་ཐ་མི་དད་པའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། ཞེས་དང་། ཀུན་གཞི་རྣམ་པར་ཤེས་པ་རིག་པའི་ངང་ཉིད་དེ། དེ་ནི་ཡེ་ཤེས་སེམས་དཔའ་ཉིད་དོ། །ཞེས་སྔགས་ཀྱི་རྒྱུད་ལ་མཁས་པའི་སློབ་དཔོན་དག་གླེང་ངོ་། །ཞེས་གསུངས་སོ། །