721
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཀརྨ་པ་སྐུ་ཕྲེང་གསུམ་པ་ཡིན། རབ་བྱུང་ལྔ་པའི་ཤིང་སྤྲེལ་ཕྱི་ལོ ༡༢༨༤ ལ་སྐུ་འཁྲུངས། ཀརྨ་པཀྴིའི་སློབ་མ་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱི་སློབ་མ་ཡིན། ཁམས་དང་དབུས་ཕྱོགས་སུ་གཙུག་ལག་ཁང་དུ་མ་གསར་བཞེངས་དང་ཉམས་གསོ་གནང་། ཆུ་ལ་ཟམ་པ་གསར་འཛུགས་སོགས་ཀྱིས་འགྲོ་དོན་མཛད། རབ་བྱུང་དྲུག་པའི་ལྕགས་ལུག་ཕྱི་ལོ་ ༡༣༣༡ ལོར་པེ་ཅིང་ལ་ཕེབས་ཏེ་རྒྱལ་པོ་དང་བཙུན་མོ་ལ་དུས་འཁོར་གྱི་དབང་ཆེན་བསྐུར། ཤིང་ཁྱི་ལོར་རི་བོ་རྩེ་ལྔ་བརྒྱུད་དབུས་སུ་བྱོན་ནས་བསམ་ཡས་གཙུག་ལག་ཁང་དུ་བཞུགས། བཀའ་བསྟན་བོད་དུ་འགྱུར་རོ་ཅོག་གསར་དུ་བཞེངས། མདོ་སྔགས་གཉིས་ཀྱི་བསྟན་བཅོས་དང༌། རྩིས་གཞུང་ཀུན་བཏུས་སོགས་མང་དུ་བརྩམས། མེ་བྱི་ལོར་རྒྱལ་པོས་གདན་ཞུས་ལྟར་སླར་པེ་ཅིང་དུ་ཕེབས། ཞྭ་དམར་པའི་སྐུ་ཕྲེང་དང་པོ་གྲགས་པ་སེང་གེ་སོགས་ཞལ་སློབ་མང་། རབ་བྱུང་དྲུག་པའི་ས་ཡོས་ཕྱི་ལོ ༡༣༣༩ ལོར་དགུང་ལོ་ང་ལྔའི་ཐོག་སྐུ་མྱ་ངན་ལས་འདས། |