72117
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་གཞན་ལ། ཡེར་པ་གཙུག་ལག་ཁང་དང་། ཡེར་པ་ལྷ་ཁང་ཞེས་འབོད། བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནས་རྩིས་པའི་བྱང་ཤར་མཚམས་ཀྱི་སྤྱི་ལེ་༤༥ ཙམ་གྱི་སར་ཡོད། དེ་ནི་ཕྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་གྱིས་བཞེངས་བའི་གཙུག་ལག་ཁང་ཞིག་ཡིན། གྲུབ་མཐའ། བཙན་པོའི་སྐུ་དུས་སུ་གསང་སྔགས་རྙིང་མའི་ལུགས་དང་། དེ་ནས་བཀའ་གདམས་ལུགས། དེ་ནས་དགེ་ལུགས། འདེབས་ལོ། ཆོས་རྒྱལ་སྲོང་བཙན་སྐུ་དུས། འདེབས་མཁན། ཆོས་རྒྱལ་སྲོང་བཙན་གྱི་བཙུན་མོ་མོང་བཟའ་ཁྲི་ལྕམ་ཡུམ་སྲས་ཀྱི་རྟེན་སྐལ་དུ་བཞེངས་ཟེར། ཆགས་ཡུལ། ལྷ་ས་སྐྱིད་ཆུའི་ཤར་ངོས་སྟག་རྩེ་རྫོང་ཁོངས་སུ་ཡོད། |