72121

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡེར་པའི་དྲིལ་ཆེན་ (1)
Part of speech མིང་ཚིག
Definition བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཕྱོགས་གནས་མཆོག་བྲག་ཡེར་པའི་ཁོངས་སུ་ཡོད་པའི་ཆེས་སྔ་བའི་རྩ་ཆེའི་རིག་དངོས་མང་དུ་ཡོད་པའི་ནང་ནས་གཅིག་ཡིན་ཞིང་། དྲིལ་བུ་དེའི་ཐོག་ཏུ་འདི་ལྟར། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །ཞེས་འཁོད་ཡོད་པ་མ་ཟད། (སྣེ་པད་འདབ་ཀྱི་དབྱིབས་ལ་འདབ་མ་རེ་རེའི་ཐོག་བརྡུངས་ན་སྐད་མི་འདྲ་བ་རེ་ཐོན་རྒྱུ་ཡོད། ) དྲིལ་ཆེན་འདི་མཁན་སློབ་ཆོས་གསུམ་གྱི་སྐུ་རིང་དུ་སློབ་དཔོན་གྱིས་ཅོང་ཐང་སྤང་སྒང་ནས་གཏེར་ནས་བཞེས་པ་རེད་ཅེས་དང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེ་སྤེལ་རིང་དྲིལ་བུ་འདི་ལུགས་སུ་བླུགས་པ་ཞིག་ཡིན་ཚུལ་སོགས་ལོ་རྒྱུས་ཡོད།

{{#arraymap:ཡེར་པའི་དྲིལ་ཆེན་

|; |@@@ | | }}