72156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོ་ག་སྟོད་ལུགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཡོ་ག་སྟོད་ལུགས་ནི། ལོ་ཆེན་གྱི་སྐུ་ཚེའི་སྨད་ལ་པཎྜི་ཏ་དྷརྨཱ་པཱ་ལ་བོད་དུ་བྱོན་པ་ལ་ཡོ་གའི་ཆོས་སྐོོར་རྣམས་ཞུས་ཤིང་བཤད་པ་མཛད་པའི་སློབ་མ་བྲང་སྟེང་པ་ཡོན་ཏན་ཚུལ་ཁྲིམས། གུར་ཤིང་ལ་བརྩོན་འགྲུས་རྒྱན་མཚན་སོགས་ཀྱིས་ཞུས་ནས་ས་ཆ་སྟོད་དུ་དར་བར་བྱས། དེ་ནས་མལ་ལོ་ཙཱ་བ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་བརྒྱུད་པ་ནི་ལོ་ཆེན་གྱི་སྐུ་ཚེའི་སྨད་ལ་བྱུང་བའི་བཤད་སྲོལ་ཡིན་ཀྱང་ས་ཆ་སྟོད་དུ་དར་བས་ན་ཡོ་ག་སྟོད་ལུགས་ཞེས་གྲགས་པ་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་སྦྱོང་རྒྱུད་བསྟན་པ་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།