72175
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། དང་པོ་གདུགས། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་ཏེ་མཐེ་བོང་བསྒྲེངས་པའི་སྟེང་དུ་གཡས་པའི་ཐལ་མོ་གདུགས་ལྟར་ཕུབ་ལ་ཙྪ་ཏྲཾ་ཀས་གདུགས། གཉིས་པ་རྒྱལ་མཚན། རྡོ་རྗེ་ཁུ་ཚུར་གཡས་སྟེང་དུ་བྱས་ལ་བརྩེགས་ཏེ་གཡོན་ཕྱོགས་སུ་ཕྲག་པར་བསླང་སྟེ་དྷྭ་ཛས་རྒྱལ་མཚན། གསུམ་པ་འཕན། རྡོ་རྗེ་ཁུ་ཚུར་གཉིས་ནམ་མཁའ་ལ་འཕན་འདོགས་པའི་ཚུལ་དང་པ་དཾ་ཀས་འཕན། བཞི་པ་ལྡ་ལྡི། ལག་གཡོན་ཁུ་ཚུར་སྙིང་གར་གཞག་གཡས་པའི་ཁུ་ཚུར་གྱི་གུང་མཛུབ་གཉིས་བརྐྱངས་པ་སྟེང་དུ་ལྡ་ལྡི་བྲི་བའི་ཚུལ་བྱ་ཞིང་པ་ཌ་ད་མས་ལྡ་ལྡི། ལྔ་པ་རྔ་ཡབ། ལག་པ་གཉིས་ཐལ་སྦྱར་རྔ་ཡབ་གཡོབ་ཚུལ་གྱིས་ཙཱ་མ་རས་རྔ་ཡབ། དྲུག་པ་བླ་བྲེ། གཡོན་མཉམ་གཞག་གཡས་སྨིན་མཚམས་སུ་ཐུར་དུ་བསྟན་པ་བླ་བྲེའི་ཚུལ་གྱིས་བི་ཏཱ་ནཾ་གྱིས་བླ་བྲེ་སྟེ་ཡོ་བྱད་ཀྱི་ཁྱད་པར་དྲུག་གོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |