72186
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྙེན་པར་རྫོགས་པའི་མངོན་གྱུར་བཅུའི་ཡ་གྱལ། སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ་ལུས་ཀྱི་བྱི་བྱད་ཀྱི་རྟགས་ཁྱད་པར་འཕགས་པ་དང༌། ཆོས་གོས་རྣམ་གསུམ་མཁན་པོས་བྱིན་གྱིས་བརླབས་ནས་གནང་བ་དེ་ཉིད་རྒྱུན་ཆགས་སུ་འཆང་ཞིང༌། གདིང་བ་མཁན་པོས་གནང་བ་ལྟར་དུ་འཆང་བ་གོས་ཀྱི་རྟགས་ཁྱད་པར་འཕགས་པ་དང༌། རུང་བ་ཚད་ལྡན་གྱི་ལྷུང་བཟེད་དང་ཆུ་ཚགས་མཁན་པོས་གནང་བ་འཆང་བ་སྣོད་སྤྱད་ཀྱི་རྟགས་ཁྱད་པར་འཕགས་པ་སྟེ་ཁྱིམ་པ་དང་མུ་སྟེགས་པ་ལས་ཁྱད་པར་འཕགས་པའི་རྟགས་གསུམ་དང་ལྡན་པའོ། ། |
| Domain | ཆོས་ལུགས། |