72190
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། མདོ་སྔགས་ཆོ་གའི་བྱེད་སྒོ་སྤེལ་སྐབས་སུ་ཐོག་མར་ཡོ་བྱད་རྫས་རྣམས་བསགས་དགོས་པས། ཡོ་བྱད་རྫས་ཀྱི་གཞི་བཟུང་ཞེས་བྱ་སྟེ། ཕྱི་ནང་གསང་གསུམ་གྱི་གཏོར་མ་བཅའ་ཐབས་མེ་ཏོག་ཕྲེང་མཛེས་ལས། རྫས་མ་བསགས་བར་གཞི་མི་བཏིང་། ཞེས་སོ། །རྫས་ནི། མདོ་སྔགས་ཆོ་ག་རང་རང་གི་ཕྱག་ལེན་སྐབས་སུ་གསལ་ཏེ། མདོར་བསྡུད་ན། བདེར་གཤེགས་མཆོད་པའི་ཡོ་བྱད། རིས་དྲུག་སྦྱིན་པའི་ཡོ་བྱད། ལྷ་མི་ཚོགས་པའི་ཡོ་བྱད་གསུམ་དུ་འདུས་སོ། །༡. བདེར་གཤེགས་མཆོད་པའི་ཡོ་བྱད་ནི། རྒྱལ་བ་སྲི་ཞུ་མགྲོན་ལ་མཆོད་འབུལ་ཡོ་བྱད་ཀྱི་རྫས་རྣམས་སོ། །༢. རིས་དྲུག་སྦྱིན་པའི་ཡོ་བྱད་ནི། སྙིང་རྗེ་རིགས་དྲུག་མགྲོན་ལ་སྦྱིན་པའི་འདོད་ཡོན་ལྔ་ལ་སོགས་པའི་རྫས་རྣམས་སོ། །༣. ལྷ་མི་ཚོགས་པའི་ཡོ་བྱད་ནི། དཀྱིལ་འཁོར་ཕོ་བྲང་བཞེེེངས་པའི་ཡོ་བྱད་དང། སྒྲུབ་གཤེན་རྣམས་ལ་མཁོ་བའི་ཡོ་བྱད་རྣམས་ཡིན་ནོ། ། |
| Domain | ཆོས་ལུགས། |