72191
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཉེ་བ་ནང་གི་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་ཡི་དམ་རང་རང་གི་གཞུང་དང་བསྟུན་པའི་ཕྱི་ནང་གསང་བའི་ཡོ་བྱད་ཀྱི་རྫས་རྣམས་གང་དགོས་མ་ཚང་བ་མེད་པར་གསོག་ཅིང་སྤྱོད་པའི་དོན་ནོ། །དེ་ལ་ཡང་དབྱེ་ན་གསུམ་སྟེ། ཕྱིའི་རྫས་ལ་བསྙེན་པ། ནང་གི་རྫས་ལ་བསྙེན་པ། གསང་བའི་རྫས་ལ་བསྙེན་པ་དང་གསུམ་དུ་བཤད་དོ། །དེ་ལ་ཡང་ལམ་གྱི་བསྙེན་པ་ཞེས་ཀྱང་བྱའོ། ། |
| Domain | ཆོས་ལུགས། |