72194

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོ་བྱད་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་དངོས་གྲུབ་སྒྲུབ་པའི་རྐྱེན་དུ་གྱུར་པའི་ཡོ་བྱད་ལྔ་སྟེ། དཀོན་ཅོག་འགྲེལ་ལས། ཡོ་བྱད་ལྔ་ཞེས་བྱ་བ་ནི་རྐྱེན་དང་ལྡན་པ་སྟེ། འདི་ལྟར་སྒྲུབ་པའི་གནས་བར་ཆད་དུ་མི་འགྱུར་བ་དང་། སྒྲུབ་པའི་གྲོགས་མཆོག་བར་ཆད་དུ་མི་འགྱུར་བ་དང་། འཚོ་བའི་ཡོ་བྱད་བར་ཆད་དུ་མི་འགྱུར་བ་དང་། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཚོགས་པ་དང་། དམ་ཚིག་གི་རྫས་ཚང་ཞིང་ཚོགས་པ་སྟེ། འདི་རྣམས་དང་ལྡན་ན་དངོས་གྲུབ་ཀྱི་རྐྱེན་དང་ལྡན་པར་བྱའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་དུ། སྒྲུབ་པའི་གནས་བར་ཆད་མེད་ཅིང་ཡིད་དང་མཐུན་པ། གྲོགས་མཚན་ཉིད་ཚང་ཞིང་སྐལ་བ་བཟང་བ། འཚོ་བའི་ཡོ་བྱད་མཐའ་གཉིས་སུ་མ་ལྷུང་ཞིང་ལོག་འཚོ་མེད་པ། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཉམས་པ་མེད་པ། དམ་ཚིག་གི་རྫས་ཚོགས་ཤིང་རྟེན་དུ་ཡོད་པ་སྟེ། དངོས་གྲུབ་སྒྲུབ་པའི་མཐུན་རྐྱེན་གྱི་ཡོ་བྱད་ལྔ། ཞེས་གསུངས་སོ། །
Domain ཆོས་ལུགས།