72201

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོ་འབོག་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་ཁམ་ནག་ཆེ་ཆུང་ཁམ་སྡོང་ཙམ་པའི་ཕྱི་པགས་ཤིན་ཏུ་མཐུག་པར་ཡལ་ག་མང་བ་དང༌། ལོ་མ་སྔོ་ལྗང་སྣུམ་ལ་སྲབ་པར་འོད་མདངས་ལྡན་པ་སྙིང་དབྱིབས་ཀྱི་རྩེ་རྣོ་ལ། ངར་པ་ཐུང་བའི་མཐར་ཉག་ཞིབ་མང་པོ་ཡོད་པའི་ཉག་ག་རེ་རེ་ནས་ཤུར་རེ་གྱེས་པ། མེ་ཏོག་དཀར་པོ་ཆུང་བ་ཙམ་པ་ཀའི་མེ་ཏོག་གི་དབྱིབས་ལྟར་མཐའ་སྲབ་དཀྱིལ་ཅུང་ཟད་འབུར་བ་ལོ་མ་ཁ་མ་འབུས་གོང་ནས་འཆར་བ་དང༌། འབྲས་བུ་སེར་སྐྱ་ལེབ་ཅིང་མཁྲེགས་པ་འདོགས་པ་སྟེ། བོད་ཀྱི་ས་ཁུལ་མང་ཆེ་བའི་གྲོང་པའི་ཉེ་འགྲམ་དུ་རང་བཞིན་གྱིས་གྱི་སྐྱེ་བའམ་བཏབ་ནས་སྐྱེ་བ། ཡལ་ཕྲན་དང་པགས་པ་གཉིས་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཅུང་ཟད་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་རྩུབ་པས་རུས་ཚིགས་ཀྱི་ནད་དང༌། ཚ་བའི་ནད་རིགས། རྨ་ཚད་སོགས་ལ་ཕན་པར་མ་ཟད། པགས་པ་སྤོས་སྦྱོར་ནང་མེད་དུ་མི་རུང་བའོ། །
Domain གསོ་རིག

{{#arraymap:ཡོ་འབོག་

|; |@@@ | | }}