7221

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏོར་མའི་རྫས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གཏོར་མའི་རྫས་ལ། ཆན་ཐུག་དང་། སྲན་མ་དང་། ཤ་དང་། ཉ་ཤ་དང་། ཆང་དང་། བཙོང་དང་། སྒོག་སྐྱ་དང་། ཐུག་པ་ལ་སོགས་པ་རྣམས་འབུལ་བར་བཤད་ཅིང་། མ་འབྱོར་ན་ཟན་དྲོན་དང་ཆུ་གཙང་ཉི་ཚེ་ཙམ་ཡང་འབུལ་དུ་རུང་བར་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ལས་གསུངས་སོ། །གཏོར་མའི་རྫས་ལ་ཆང་བསྔགས་པ་ནི། སྡོམ་འབྱུང་ལས། གཏོར་མ་མྱོས་བྱེད་མེད་པར་ལས། །མྱུར་དུ་འགྲུབ་པར་མི་འགྱུར་རོ། །དེས་ན་སྔོན་གྱི་སངས་རྒྱས་ཀྱིས། །གཏོར་མ་རབ་ཏུ་བསྔགས་པར་བཤད། །ཅེས་དང་། ཤ་བསྔགས་པར་ནི་འདུས་པ་རྩ་བཤད་ཀྱི་རྒྱུད་ལས་བཤད་དོ། །
Domain ཆོས་ལུགས།