72244

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་གཅོད་ (1)
Part of speech མིང་ཚིག
Definition བློས་རྟོགས་ཚུལ་གྱི་ཁྱད་པར་ཞིག གཞི་དེ་ཆོས་དེ་ཡིན་པར་ཡོངས་སུ་གཅོད་པ་སྟེ། ཚུར་སྒྲུབ་པའི་སྒོ་ནས་རྟོགས་པའམ་དགག་བྱ་བཀག་པའི་ཤུལ་དུ་ཆོས་གཞན་སྒྲུབ་པ།
Example གཞི་བུམ་པ་ལྟ་བུ་དེ་བློས་རྟག་པ་ཡིན་པ་ཕར་རྣམ་པར་བཅད་པའམ་རྟག་པ་མ་ཡིན་པར་ངེས་པའི་སྟོབས་ཀྱིས། དེ་མི་རྟག་པ་ཡིན་པ་ཚུར་ཡོངས་སུ་གཅོད་པའམ་གྲུབ་པ་ལྟ་བུ། ཡང་དཔེར་ན། ཐག་ཁྲ་སྦྲུལ་འཛིན་ལ་མཚོན་ན། ཐག་ཁྲ་སྦྲུལ་ཡིན་པ་བཀག་པ་རྣམ་བཅད། ཐག་ཁྲ་ཐག་ཁྲར་སྒྲུབ་པ་ཡོངས་གཅོད་དོ།
Domain ཚད་མ།