72248

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་གྲུབ་ (1)
Part of speech མིང་ཚིག
Definition ཕུན་སུམ་ཚོགས་པར་གྲུབ་པའམ། ལེགས་འགྲུབ་བྱུང་བའི་དོན།
ཡོངས་གྲུབ་ (2)
Part of speech མིང་ཚིག
Definition མདོ། ཐེག་ཆེན། རང་གི་ངོ་སྐལ་གྱི་ཉོན་སྒྲིབ་དང་ཤེས་སྒྲིབ་གང་ཡང་རུང་བ་རྣམ་པར་དག་པར་བྱེད་པའི་བར་ཆད་མེད་ལམ་གྱི་དམིགས་པ་མཐར་ཐུག་ཞིག་ལ་ཟེར། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད་པའི་དྲང་ངེས་སྤྱི་དོན་ལས། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་ཡོངས་གྲུབ་ཀྱི་མཚན་ཉིད་ཅེས་དང།
Domain [ཆོས་ལུགས།, ལྟ་གྲུབ།]
ཡོངས་གྲུབ་ (3)
Part of speech མིང་ཚིག
Definition རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ལས། དང་པོ་ནི་སྔར་བཤད་པའི་གཉིས་སྟོང་དང། ཕྱི་མ་ནི། གཉིས་སྣང་དང་བྲལ་བའི་འཕགས་པའི་མཉམ་གཞག་རྣམས་སོ། །འགྱུར་མེད་ཡོངས་གྲུབ་ནི། གང་ལ་དམིགས་ནས་གོམས་ན། ཤེས་སྒྲིབ་མཐའ་དག་ཟད་པར་འགྱུར་བའི་དམིགས་པ་མཐར་ཐུག་ཡིན་པས། རྣམ་པར་དག་པའི་དམིགས་པ་ཞེས་ཀྱང་བྱ། ཆོས་རྣམས་ཀྱི་གནས་ལུགས་ཞེས་ཀྱང་བྱ། དོན་དམ་པའི་བདེན་པ་ཞེས་ཀྱང་བྱའོ། །ཞེས་གསུངས།
ཡོངས་གྲུབ་ (4)
Part of speech མིང་ཚིག
Definition མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ཚད་མའི་རྙེད་དོན་དུ་དམིགས་པ། ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། འགྱུར་མེད་ཡོངས་གྲུབ་དང། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་གཉིས་ཡོད། དང་པོ་དང་ཡོངས་གྲུབ་དོན་གཅིག་ཅིང། གཉིས་པ་ཡོངས་གྲུབ་བཏགས་པ་བར་འཇོག་གོ །
ཡོངས་གྲུབ་ (5)
Part of speech མིང་ཚིག
Definition དབུ་མ། གཉགས་ཕུ་བས་མཛད་པའི་གཏན་ཚིགས་རིགས་པའི་བསྡུས་དོན་ལས། མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པའི་དོན་དམ་ཡོངས་གྲུབ་ཀྱི་མཚན་ཉིད། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་འཕགས་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་སོ། །ཞེས་བྱུང་ངོ་། །