72251
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབུ་མ་ཆེན་པོ། ཇོ་ནང་། དབུ་མ་གཞན་སྟོང། དབུ་མའི་རྣམ་གྲངས་བཅུ་བཞིའི་ཡ་གྱལ་ཞིག་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྣམ་བཤད་ཟིན་བྲིས་ལས། ཡང་དག་པའི་ཆོས་ཉིད(དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ)དེ་ཉིད་རྣམ་པ་ཐམས་ཅད་པར་འཆར་བས་ཆད་པའི་མཐའ་ལས་འདས་ལ། དེ་ཉིད་ནམ་དུ་འགྱུར་པ་མེད་ཅིང་སྤྲོས་པ་དང་བྲལ་བའི་ཕྱིར་རྟག་པའི་མཐའ་ལས་འདས་ཤིང་། དེ་ལྟར་མཐའ་གཉིས་དང་བྲལ་བའི་ཡང་དག་པའི་ཆོས་ཉིད་འདི་ནི། དབང་མདོར་བསྟན་ལས། གཟུགས་ནི་སྲིད་པར་མི་འོངས་ཏེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པ་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག། །ཅེས་གསུངས་པ་ལྟར་འདི་སྔགས་ཀྱི་ཐེག་པ་དང་འབྲེལ་བའི་དབུ་མའི་མཚན་ཉིད་མཐར་ཐུག་པ་ཡིན་ནོ། །ཞེས་འབྱུང་ངོ་། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |