72288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་སྨད་དུ་འཁྲུངས། རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་ལས་མདོ་སྔགས་རིག་གནས་དཀུན་ལ་མཁས་པར་སྦྱངས། འོན་རྒྱལ་སྲས་ཉེ་བརྒྱུད་སྐུ་ཕྲེང་དྲུག་པ་་བློ་བཟང་ངག་དབང་ཐོགས་མེད་བསྟན་འཛིན་རྒྱ་མཚོའི་ཡོངས་འཛིན་གྱི་འགན་བཞེས། མདོ་སྔགས་རིག་གནས་ཀྱི་མཆོད་པ་ཕུལ། གསུང་རྩོམ་ནི་དགེ་སློང་གི་བསླབ་བྱ་ཟིན་བྲིས་དགའ་ཚལ་དང་། གྲུབ་མཐའི་དཀའ་གནད་ལྟ་བའི་བརྗེད་བྱང་། འདུལ་བའི་མན་ངག་ལན་ལེན་བརྗེད་བྱང་། སོ་ཐར་གྱི་སྡོམ་པ་ལས་བརྩམས་པའི་འབེལ་གཏམ། འཕོ་ཁྲིད་ལ་མཁོ་བའི་ཟིན་བྲིས། འདུལ་བ་མདོ་རྩའི་བརྡ་ཆད་གོ་དཀའ་བ་རགས་པ་ཆེ་ལོང་། བསྟོད་ཚིག་ཀེ་ཏ་ཀའི་ཕྲེང་མཛེས་བཅས་པོད་གཉིས་བཞུགས།

{{#arraymap:ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱལ་མཚན་

|; |@@@ | | }}