72293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་ལྷོ་པ་སྤྲུལ་སྐུ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་དུས་དུ་འཁྲུངས། ཆུང་དུས་ནས་ལྷོ་སྤྲུལ་ངོས་འཛིན་གནང་། དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས། ཡི་གེའི་སྦྱོར་ཀློག་དང་ཐ་སྙད་རིག་གནས་ལ་མཁས་པར་སྦྱངས། གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་བརྩོན་གནང་། སྟག་ཕུ་སྤྲུལ་སྐུ་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ་པདྨ་མཛྲའི་ཡོངས་འཛིན་མཛད། མདོ་སྔགས་ཆོས་ཀྱི་འཆད་ཉན་གནང་། གསུང་རྩོམ་ནི་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་མདོ་སྔགས་ཀྱི་ལམ་ལ་ཤར་སྒོམ་བྱེད་ཚུལ་དང་། དབང་བཤད་ཟིན་བྲིས། དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ་ལྷན་སྐྱེ་ཀྱི་སྒྲུབ་ཐབས་སྐུ་གསུམ་ནོར་བུའི་བང་མཛོད། ཀ་ཕྲེང་དང་སྦྱར་བའི་གདམས་ངག་ཐར་བའི་ལམ་སྟོན། སེང་གེ་སྒྲའི་སྒྲུབ་ཐབས། ཤེལ་དཀར་ཟུར་རྒྱན། གསོལ་འདེབས་ལྷའི་རྔ་དབྱངས་བཅས་པོད་གཅིག་བཞུགས། མཚན་གཞན། ལྷོ་སྤྲུལ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག