72299
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། གཟུགས་ནས་རྒ་ཤི་བར་ཏེ་འཁོར་བའི་བོན་རྣམས་དང་། སྦྱིན་པ་བླ་མེད་ནས་བླ་ན་མེད་པའི་འབྲས་བུའི་བར་ཏེ་མྱང་འདས་ཀྱི་བོན་རྣམས་ཐམས་ཅད་བདེར་གཤེགས་ཀྱི་ཞིང་མཆོག་སེམས་ཉིད་དག་པའི་ཀློང་དུ་འདུས་པས། དེ་ལ་དེ་ལྟར་བྱ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་བོན་ཐམས་ཅད་འདིའི་ངང་ལ་མ་འདུས་པ་དང་མ་རྫོགས་པ་མེད་པས་ཡོངས་རྫོགས་རྒྱལ་བའི་དཀྱིལ་འཁོར་ཞེས་བྱའོ། །ཞེས་སོ། ། |
| Domain | ཆོས་ལུགས། |