72300
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡོངས་རྫོགས་རྦ་ལྕོགས་ཕག་མོའི་གནས་ཀྱི་དགོན་སྡེ་འདི་ནི། སྔར་རབས་ཀཿཐོག་པའི་ཁ་བ་དཀར་པོ་ནམ་མཁའ་རྒྱ་མཚོས་གནས་སྒོ་ཕྱེ་པའི་དུས་གནས་དེར། ཁ་དཀར་གནས་ཀྱི་ལྡེ་མིག་བླངས་ཤུལ་དང་། རྗེས་སུ་གཏེར་སྟོན་བདེ་ཆེན་རྡོ་རྗེ་ཞེས་པས་ལྷ་ཁང་ཞིག་གསོ་དང་། འདམ་སྐུ་ལྷ་རིས་སོགས་སི་ཏུ་རིན་པོ་ཆེའི་ཁ་བ་དཀར་གྱི་གནས་ཡིག་ཏུ་གསལ་པ་ལྟར་དང་། ཕྱིས་སུ་ཀཿཐོག་རྒྱལ་སྲས་ཨོ་རྒྱན་བསྟན་འཕེལ་རིམ་བྱོན་ཀུན་གྱི་ཐུགས་བསྐྱེད་མཛད་པ་དང་། རྒྱལ་སྲས་མེ་ལོང་རིན་པོ་ཆེས་ཐུགས་གཙོ་མཛད་ནས། མཆོད་རྟེན་སོགས་བཞེངས་པ་དང་། གསོལ་ཀ་མ་མགོན་མགར་གསུམ་ལས། དམ་ཅན་སྲུང་མའི་གཙོ་བོ་གསོལ་མཆོད་མཛད་པ་དང་། ཁ་དཀར་ནམ་མཁའ་ནས། ཀཿཐོག་སི་ཏུའི་སློབ་མ་བླ་མ་སྤྲོས་བྲལ་སོགས་ཀྱིས་བསྐྱངས་ཤིང་། དེང་ཡང་ལྷ་ཁང་དང་། ཕག་མོ་སྒྲུབ་ཁང་། མཚམས་ཁང་དྲུག་བཅས། སྐྱིད་ལྗགས་ཆོས་ལྡན་ནས་གཙོ་འགན་ཁུར་ནས། བླ་མཆོད་ཇོ་མོ་ཡོངས་དང་། དད་ལྡན་སྐྱེ་བོ་ཀུན་གྱིས་རྟེན་དང་བརྟེན་པར་བཅས་པ་བསྐྲུན་བཞིན་པའོ། ། |