72306

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་ཤེས་བསྡོམས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཡོངས་ཤེས་སྔ་མ་རྣམས་བཏང་ནས་ཐམས་ཅད་བསྡོམས་པའི་ཡོངས་ཤེས་གཅིག་རྙེད་པ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང༌། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་བཅུ་དྲུག་པ་ལམ་རྗེས་ཤེས་ལ་གནས་པ་དང༌། འབྲས་བུ་རིམ་གྱིས་པ་མཐོང་ལམ་གྱི་རྗེས་སུ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་ཐོབ་མ་ཐག་པ་གཉིས་ནི་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་ཁོ་ན་དང་ལྡན་ཏེ། དང་པོ་དེས་འདོད་པ་ལ་འདོད་ཆགས་དང་བྲལ་ཞིང་འབྲས་བུ་བཞི་པོ་གང་རུང་གསར་དུ་ཐོབ་པའི་ཕྱིར་དང༌། ཕྱི་མ་དེས་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག་པོ་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་སུ་བསྡོམས་པའི་ཕྱིར། འཕགས་པ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཉམས་ན་ཡང་གཅིག་པུ་འདི་དང་ལྡན་ལ། དགྲ་བཅོམ་ཐོབ་པའི་ཚེ་ཡང་ཡོངས་ཤེས་སྔ་མ་ཐམས་ཅད་བསྡོམས་པས་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་གཅིག་པུ་དང་ལྡན་ནོ། །ཡང༌། སྒོམ་ལམ་པ་གཟུགས་ཀྱི་འདོད་ཆགས་གསར་དུ་བྲལ་བའི་ཕྱིར་མི་འོང་ནི་མཐའ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་དང༌། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་གཉིས་ཀ་དང་ལྡན་ཏེ། དེའི་ཚེ་གཟུགས་ཁམས་ལ་འདོད་ཆགས་དང་བྲལ་ཡང་འབྲས་བུ་གསར་དུ་ཐོབ་རྒྱུ་མ་བྱུང་བས་ཡོངས་ཤེས་མི་བསྡོམ་མོ། །དེ་བཞིན་དུ་གཟུགས་མེད་ཀྱི་ཉོན་མོངས་ཀྱིས་དགྲ་བཅོམ་པ་ལས་ཉམས་ན་ཡང་དེ་གཉིས་དང་ལྡན་ནོ། །ཞེས་གསུངས།
Domain ཆོས་ལུགས།