72308
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། འཐོབ་པ་ནི་གཅིག་དང་གཉིས་དང་དྲུག་འཐོབ་པ་ཡོད་ཀྱི་ལྔ་འཐོབ་པ་ནི་ཡོད་པ་མིན་ནོ་ཞེས་བྱའོ། །དེ་ལ་གཅིག་འཐོབ་པ་ནི་མཐོང་ལམ་ལ་གནས་པས་ཀུན་འབྱུང་ལ་ཆོས་ཤེས་པའི་གནས་སྐབས་ན་སྔར་མེད་པ་ལས་དང་པོ་གཅིག་པུ་དང་། དེ་བཞིན་དུ་ཆགས་བྲལ་སྔོན་འགྲོས་འདོད་པ་ལས་འདོད་ཆགས་དང་བྲལ་ནས་ལམ་ལ་རྗེས་ཤེས་ཀྱི་ཚེ་བདུན་པ་གཅིག་པུ་དང་། མཐར་གྱིས་པས་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་གྱི་ལམ་དགུ་པ་ལ་བདུན་པ་གཅིག་པུ་དང་། དགྲ་བཅོམ་པ་ཐོབ་པ་ནའང་ཐ་མ་གཅིག་པུ་འཐོབ་བོ། །གཉིས་ཐོབ་པ་ནི་གཟུགས་མེད་ལས་འདོད་ཆགས་དང་བྲལ་བ་གཟུགས་མེད་ཀྱི་ཉོན་མོངས་པས་ཉམས་ན་བདུན་པ་དང་བརྒྱད་པ་གཉིས་འཐོབ་པ་ལྟ་བུའོ། །དྲུག་འཐོབ་པ་ནི་འཕགས་པ་ལ་མཐར་གྱིས་པ་ཕྱིར་མི་འོང་ལས་ཉམས་ན་ཡོངས་ཤེས་དང་པོ་དག་འཐོབ་པ་ཡིན་ནོ། །དེས་ན་ལྔ་འཐོབ་པ་ནི་འགའ་ཡང་མེད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |