72318
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། ༡ འདི་ལྟར་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་ཚོགས་རྣམས་ཡོངས་སུ་གཟུང་བ། ༢ དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་བསྟན་པ་རྣམས་ཡོངས་སུ་གཟུང་བ། ༣ དཔེ་དང་མཐུན་པར་བསྟུན་པ་ཐམས་ཅད་ཡོངས་སུ་གཟུང་བ། ༤ ཆོས་ཀྱི་ཚུལ་དང་སྒོ་ཐམས་ཅད་ཡོངས་སུ་གཟུང་བ། ༥ གཟུངས་ཐམས་ཅད་མངོན་པར་བསྒྲུབ་པའི་སྒོ་རྣམས་ཡོངས་སུ་གཟུང་བ། ༦ ཐེ་ཚོམ་ཐམས་ཅད་ཡོངས་སུ་གཅོད་པ་རྣམས་ཡོངས་སུ་གཟུང་བ། ༧ བྱང་ཆུབ་སེམས་དཔའི་བསྒྲུབ་པ་ཐམས་ཅད་ཡོངས་སུ་གཟུང་བ། ༨ དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྟན་པའི་སྒོ་རྣམས་ཡོངས་སུ་གཟུང་བ། ༩ ཆོས་སྣང་བའི་སྒོ་ཐམས་ཅད་ཡོངས་སུ་གཟུང་བ། ༡༠ སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་དང་། རྣམ་པར་རོལ་པ་དང་། བྱིན་གྱི་རླབས་རྣམས་ཡོངས་སུ་གཟུང་བའོ། ། |
| Domain | ཆོས་ལུགས། |