72321

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་གྲུབ་པའི་མཚན་ཉིད་ (1)
Part of speech མིང་ཚིག
Definition མཚན་ཉིད་གསུམ་གྱི་ནང་གསེས། གནས་ལུགས་སུ་གྱུར་པའི་ཆོས་ཉིད། དོན་དམ་པར་ཡོད་པ་བཏགས་ཡོད་ཀྱི་དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་འདུས་མ་བྱས་དང༌། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རྣམ་པར་མི་རྟོག་པ་རྣམ་པར་དག་པའི་དམིགས་པ་དེ་ལས་གཞན་དུ་མེད་པར་ཡོངས་སུ་གྲུབ་པའོ། ། དེ་བཞིན་ཉིད་དང། ཡང་དག་པའི་ཡེ་ཤེས་གཉིས་མི་འགྱུར་བ་དང། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ཡོངས་སུ་རྫོགས་ཤིང་གྲུབ་པས་ན་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱའོ།
Domain [ཆོས་ལུགས།, ལྟ་གྲུབ།]