72328

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་དག་པ་གསུམ་ (1)
Part of speech མིང་ཚིག
Definition བདེན་པར་ཡོངས་སུ་བསྔོ་བའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་དག་པ། སྨོན་ལམ་གྱིས་ཚུལ་ཁྲིམས་ཚད་མ་མཆིས་པ་ཡོངས་སུ་དག་པ། ཆོས་ཐམས་ཅད་མི་དམིགས་པའི་ལྷག་མཐོང་གིས་ཡོངས་སུ་བསྔོ་བའི་ཕྱིར་ལྟ་བ་ཚད་མ་མཆིས་པ་ཡོངས་སུ་དག་པའོ། །
Domain ཆོས་ལུགས།
ཡོངས་སུ་དག་པ་གསུམ་ (2)
Part of speech མིང་ཚིག
Definition ལུས་ཡོངས་སུ་དག་པ། ངག་ཡོངས་སུ་དག་པ། ཡིད་ཡོངས་སུ་དག་པའོ། །
ཡོངས་སུ་དག་པ་གསུམ་ (3)
Part of speech མིང་ཚིག
Definition དགེ་བའི་རྩ་བ་ཡོངས་སུ་དག་པ། སྨོན་ལམ་ཡོངས་སུ་དག་པ། ལྟ་བ་ཡོངས་སུ་དག་པའོ། །