72329
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཆུད་མི་ཟ་བའི་ཕྱིར་ལྷག་པའི་བསམ་པ་ཡོངས་སུ་དག་པ། སེམས་ཅན་ཇི་ལྟ་བུར་འདུལ་བ་བཞིན་དུ་བསྟན་པའི་ཕྱིར་གཟུགས་ཡོངས་སུ་དག་པ། སྒྲ་སྐད་དང་། ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པར་བྱ་བའི་ཕྱིར་དབྱངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་སྤོབས་པ་ཡོངས་སུ་དག་པ། མི་ཤེས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་ཡེ་ཤེས་ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབང་རབ་ཏུ་ཐོབ་པར་བྱ་བའི་ཕྱིར་སྐྱེ་བ་ཡོངས་སུ་དག་པ། སྔོན་བསྐལ་པ་མཉམ་པར་སྤྱད་པའི་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ཡོངས་སུ་དག་པ། སྒྲིབ་པའི་ལས་ཐམས་ཅད་སྤངས་པས་རྣམ་པར་བཟློག་པའི་ཕྱིར་རྣམ་པར་སྨིན་པ་ཡོངས་སུ་དག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཚུལ་གཅིག་ཏུ་བྱ་བའི་ཕྱིར་སྨོན་ལམ་ཡོངས་སུ་དག་པ། ཀུན་ཏུ་བཟང་པོའི་ཐེག་པས་འབྱུང་བའི་ཕྱིར་སྤྱོད་པ་ཡོངས་སུ་དག་པ་སྟེ། ཡོངས་སུ་དག་པ་བཅུ་པོ་འདི་དག་འཐོབ་པར་འགྱུར་རོ། ། |
| Domain | ཆོས་ལུགས། |