72345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་དག་པའི་ལྷ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡོངས་སུ་དག་པའི་ལྷ་ནི། ཆོས་ཅན་དང་ཆོས་ཉིད་ཇི་སྙེད་པ་ཡོངས་སུ་དག་པ་སྟེ། འོད་གསལ་སྙིང་པོ་ལས། ཆོས་ཐམས་ཅད་སྣང་སྟོང་མཉམ་པ་ཉིད་ཀྱི་དབྱིངས་སུ་ཚུལ་གཅིག་པས་ཡེ་ཤེས་རྡོ་རྗེའི་སྐུ་ཅན་གྱི་དཀྱིལ་འཁོར་གྱི་གཙོ་བོའི་ངོ་བོར་དག་ལ། ཡང་ན་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པས་རིགས་གསུམ་དང་། ཕུང་ལྔ་རིགས་ལྔར་དག་པ་སོགས་རིགས་ལྔ་དང་། རིགས་བརྒྱ་ལ་སོགས་པ་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་རིགས་ཀྱི་བར་དུ་ཡང་དབྱེ་རུང་སྟེ། མ་དག་པའི་སྣང་ཚུལ་ཇི་སྙེད་པ་དང་མཚུངས་པར་དག་པའི་དབྱེ་བ་རུང་བ་དང་། ཆོས་གཅིག་ལའང་དེའི་ངོ་བོ་རང་བཞིན་གྱིས་དག་ཅིང་མཉམ་པ་ཆེན་པོའི་ངང་ཚུལ་ལས་མི་གཡོ་བའི་ཕྱིར། ཆོས་ཉིད་ཅི་ཡང་མ་ཡིན་པ་ལས་ཅི་ཡང་འཆར་དུ་རུང་བའི་གནད་ཀྱིས་རང་སྣང་རིས་མེད་ཀྱི་སྣང་བ་མུ་མེད་པ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཡིན་པས་ན། སངས་རྒྱས་གྲངས་མེད་པའི་ཞིང་དང་བཅས་པར་ཡོངས་སུ་དག་པ་ཡིན་ཀྱང་། དབྱེ་བསྡུའི་ཁྱད་པར་ཇི་ལྟར་སྦྱར་ཀྱང་མི་འགལ་ཏེ། ཆོས་ཐམས་ཅད་གཅིག་དང་ཐ་དད་ལས་གྲོལ་བའི་ཆོས་ཉིད་དག་མཉམ་ཆེན་པོ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ལས་མ་འདས་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུད་སྡེ་རྣམས་ནས་རང་རང་གི་ལྷ་གྲངས་དང་སྦྱར་ཏེ་དག་པ་སྦྱོར་ཚུལ་སྣ་ཚོགས་སུ་གསུངས་པ་ཡིན་ནོ། །ཞེས་པས་བསྟན་ནོ། །
Domain [ཆོས་ལུགས།, ལྟ་གྲུབ།]