72346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དཀོན་བརྩེགས་ལེའུ་དྲུག་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ལ་མི་མཐུན་པའི་ལོངས་སྤྱོད་ཀྱི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་གནོད་པ་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་འཇིགས་ཤིང་སྐྲག་ནས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་མ་བཏང་བ་ལ་མགྲོན་དུ་གཉེར་བའི་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་གདོང་དུ་བལྟ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ལ་ཐ་དད་པར་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་མཛའ་བས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སྡང་བས་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་ཞིང་ཚོལ་ཞིང་སྦྱིན་པ་མེད། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ལ་སྦྱིན་པ་གནས་མ་ཡིན་ཞེས་བརྙེས་ཤིང་སྦྱིན་པ་མེད་པའོ། ། |
| Domain | ཆོས་ལུགས། |