72352
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མཚན་བཅས་ཀྱི་རྣལ་འབྱོར་གསུམ་ལས་གཉིས་པ་སྟེ། འདིའི་དོན། དཀོན་ཅོག་འགྲེལ་ལས། ཡོངས་སུ་བརྟགས་པའི་རྣལ་འབྱོར་ནི་གསེར་ལ་སོགས་པ་ལེགས་པར་བཞུ་བ་ལས་སྐུ་གཟུགས་ལ་སོགས་པ་བྱེད་པ་བཞིན། བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་ཀྱི་སྐུར་བསྐྱེད་པར་འདོད་དོ། །ཞེས་དང་། འོད་གསལ་སྙིང་པོ་ལས། གསེར་སོགས་བཞུས་པ་ལས་སྐུ་གཟུགས་བྱེད་པ་བཞིན། བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་སྐུ་སྐྱེད་པར་ཤེས་ནས་ལས་སུ་རུང་བའི་ཚུལ་གྱིས་བསྒོམ་པ་གཉིས་པ་(ཡོངས་སུ་བརྟགས་པའི་རྣལ་འབྱོར་)དང་། ཞེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |