7236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏོར་ཟློག་མཚོན་ཆའི་འཁོར་ལོ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་དྲག་པོའི་ལས་ཚོགས་ལས། ཤིན་ཏུ་ཡང་ཟབ་གཉན་པའི་གཏོར་ཟློག་མཚོན་ཆའི་འཁོར་ལོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨེ་མ༔ འདི་ལྟ་བུ་ཡི་བཟློག་པ་ནི༔ མི་བཟློག་པ་ནི་སྲིད་མི་འགྱུར༔ སྔོན་ཆད་བོད་ཡུལ་མ་གྲགས་ཏེ༔ པདྨས་བོད་དུ་སྣང་བར་བྱས༔ རིན་ཆེན་གཏེར་དུ་སྦས་ཏེ་བཞག༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ གསང་སྔགས་ཆོས་ལོག་སྤྱོད་པ་དང༔ སྔགས་པ་ནང་འགྲས་སྦྱོར་ནག་བྱེད༔ རྒྱ་འདྲེ་རྒྱལ་བསེན་ཕོ་མོ་དང༔ དམ་སྲི་འགོང་པོ་ཁ་ལོང་བས༔ མི་རུང་སྣ་དགུས་གང་བ་འབྱུང༔ དེ་དུས་གཏོར་ཟློག་ཟབ་མོ་འདིས༔ ཐམས་ཅད་མ་ལུས་བཟློག་པ་དང༔ འགྲོ་དོན་བསྟན་པ་མཐའ་རྒྱས་འགྱུར༔ དེ་ཕྱིར་ལྷོ་གཏེར་འབྲས་བུའི་ཚུལ༔ མཁར་ཆུའི་བྲག་ལ་སྦས་ཏེ་བཞག༔ དུས་ངན་བཅུ་གསུམ་དར་བའི་ཚེ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། རྦོད་གཏོང་དང་ལྟས་ངན་ཆག་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པའི་ཕྱིར་བླ་མ་དྲག་པོའི་ལྷ་ཚོགས་རྣམས་ལ་བཟློག་པའི་ཕྲིན་ལས་བཅོལ་བའི་རིམ་པ་བསྟན།
Domain ཆོས་ལུགས།