72361

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་མ་དག་པའི་ཆོས་སྟོན་པའི་དགེ་སློང་གི་ཡིད་མི་བདེ་བར་འགྱུར་བ་ལྔ་ (1)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་ཀྱི་གསུང་ཐམས་ཅད་ཆུབ་པར་མ་བྱས་པ། མདོ་སྡེ་རྣམས་ཀྱི་གདམས་ངག་མེད་པ། རྩོད་པའི་གཏམ་ལ་མངོན་པར་དགའ་བ། ཆོས་རྣམས་ལ་མ་དད་པ་སྐྱེས་པས་མདོ་སྡེས་མདོ་སྡེ་ལ་སྐྱོན་འདོགས་པ། རྙེད་པ་བཀུར་སྟི་སྔོན་དུ་བཏང་སྟེ་ཆོས་སྟོན་པའོ། །
Domain ཆོས་ལུགས།