72371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་མི་སྐྱོ་བར་རིག་པའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སེམས་ཅན་གྱི་ཁམས་ཚད་མེད་པ་དེའང་བདག་གིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །ཞེས་ཐོས་ན་མི་སྐྲག་པ། དགེ་བའི་རྩ་བ་བསྒྲུབ་པའི་ཕྱིར་འཁོར་བ་ཚད་མེད་པ་ཡོངས་སུ་བཟུང་བར་བྱའོ། །ཞེས་ཐོས་ན་མི་སྐྲག་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚད་མེད་པ་དེ་བདག་གིས་ཡོངས་སུ་རྫོགས་པར་བྱའོ། །ཞེས་ཐོས་ན་མི་སྐྲག་པ། བསོད་ནམས་ཚད་མེད་པ་བསགས་པས་མཚན་དང་དཔེ་བྱད་བཟང་པོ་འགྲུབ་སྟེ། བདག་གིས་ཀྱང་བསྒྲུབ་པར་བྱའོ། །ཞེས་ཐོས་ན་མི་སྐྲག་པའོ། །
Domain ཆོས་ལུགས།
ཡོངས་སུ་མི་སྐྱོ་བར་རིག་པའི་ཆོས་བཞི་ (2)
Part of speech མིང་ཚིག
Definition རབ་ཏུ་ཉེན་ཀྱང་བྱང་ཆུབ་ཀྱི་སེམས་མི་གཏོང་བ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་མི་དབང་བ། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་སྲུང་བ། དཔག་ཚད་སྟོང་དུ་འགྲོ་ཞིང་གཞན་དག་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པའོ། །
ཡོངས་སུ་མི་སྐྱོ་བར་རིག་པའི་ཆོས་བཞི་ (3)
Part of speech མིང་ཚིག
Definition སློང་བ་ལ་བཤེས་གཉེན་དུ་འདུ་ཤེས་སྐྱེད་ཅིང་ཞེ་སྡང་བའི་སེམས་མེད་ལ་བཞིན་འཛུམ་ཞིང་ཁྲོ་གཉེར་མེད་དེ་ཚུར་ཤོག ལེགས་པར་འོངས་སམ་ཞེས་བྱ་བའི་སྨྲ་བ། བདག་བདེ་བ་ལ་མི་ཆགས་ཤིང་སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་པ། མང་དུ་ཐོས་པ་ཚོལ་བས་མི་ངོམས་པ། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྒྱ་ཆེར་རབ་ཏུ་སྟོན་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་དེ་གཞན་ལ་རབ་ཏུ་སྟོན་པའོ། །
ཡོངས་སུ་མི་སྐྱོ་བར་རིག་པའི་ཆོས་བཞི་ (4)
Part of speech མིང་ཚིག
Definition མགོའི་ཐོད་ལ་མེ་འབར་བ་བཞིན་དུ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡོངས་སུ་ཚོལ་བ། བསྡུ་བའི་དངོས་པོ་ལ་རྟག་ཏུ་བརྩོན་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་བརྩོན་འགྲུས་རྩོམ་པ། དགེ་བ་ཐམས་ཅད་ཡོངས་སུ་བསྐང་བའི་ཕྱིར་དེ་ལ་མི་ཆགས་པའོ། །