72373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་བྱུང་བ་སྟེ། ༡ འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་མི་རྟག་པ་ཡོངས་སུ་བསྟན་པ། ༢ འདུས་བྱས་ཐམས་ཅད་ཡིད་བརྟན་དུ་མི་རུང་བའི་བསྟན་པ། ༣ མྱ་ངན་ལས་འདས་པའི་ཕྱོགས་བདེ་བར་འགྲོ་བས་འཇིགས་པ་དང་། བག་ཚ་བ་ཐམས་ཅད་དང་འབྲལ་བ་ཡང་དག་པར་བསྟན་པ། ༤ གཟུགས་ཀྱི་ལུས་ལ་ཞེན་པའི་ལྷ་དང་མི་རྣམས་ལ་གཟུགས་ཀྱི་ལུས་མི་རྟག་པ་ཉིད་དུ་ཡང་དག་པར་བསྟན་པ། ༥ ཆོས་ཀྱི་སྐུ་ལ་ཡང་དག་པར་སྦྱར་བ་དང་། རྣམ་པར་འགྱུར་བའི་མཐུས་ཕྱིར་མི་ལྡོག་པར་ཡོངས་སུ་བསྟན་པ། ༦ འདུ་བྱེད་ཐམས་ཅད་འདོད་དགུར་མི་རུང་ཞིང་དབང་བསྒྱུར་དུ་མི་རུང་ཞིང་དབང་བསྒྱུར་དུ་མེད་པ་ཡོངས་སུ་བསྟན་པ། ༧ ས་གསུམ་གྱི་འཁོར་བ་ཐམས་ཅད་སྒྱུ་མའི་རྣམ་པ་ལྟ་བུར་ཡོངས་སུ་བསྟན་པ། ༨ མྱ་ངན་ལས་འདས་པ་ནི་སྙིང་པོ་དམ་པ་སྟེ། མི་འཇིགས་པའི་ཆོས་ཉིད་དུ་ཡང་དག་པར་བསྟན་པ། ༩ ཀུན་འབྱུང་ཞིང་འཇིགས་པས་འབྲལ་བར་འགྱུར་བ་ཡོངས་སུ་བསྟན་པ། ༡༠ སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་བཞིན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་རྫོགས་པར་མཛད་དེ། དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་ཏེ། འདུལ་བ་ཐམས་ཅད་ཤིན་ཏུ་དུལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤིན་ཏུ་ལུང་བསྟན་པར་འགྱུར་ཏེ། མཉམ་པ་མེད་པའི་གོ་འཕང་ཡོངས་སུ་མྱ་ངན་ལས་འདའ་ཆེན་པོར་ཡོངས་སུ་མྱ་ངན་ལས་འདའོ། །
Domain ཆོས་ལུགས།