72380

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་འདྲེན་པའི་ཡན་ལག་རྣམ་པར་བགྲོས་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་ལྔ་བཅུ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དང་པོ་མཛོད་དུ་འཇུག་པར་བྱ་བའི་ངེས་པའི་གསང་སྒོར་འདྲེན་པའི་ཡན་ལག་རང་བཞིན་གྱི་ལྟ་བའི་ཚིག་དང། རྣམ་པར་དབྱེ་བའི་ཚིག་དང། སྤྱི་དོན་སྡུད་པའི་ཚིག་དང། འབྲེལ་པ་སྦྱོར་བའི་ཚིག་དང། རང་རྐྱེན་གཉེར་གྱི་ཚིག་དང། ལྡེམ་དགོངས་མན་ངག་གི་ཚིག་དང། གཏར་ཁ་གེགས་སེལ་གྱི་ཚིག་དང་། ཚད་མ་བཀའ་གཞུང་གི་ཚིག་དང། མཚོན་པ་དཔེའི་ཚིག་དང། བསྣོལ་མཚམས་འཕེན་སྡུད་ཀྱི་ཚིག་བཅས་བཅུ་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།