From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡོངས་སུ་འཛིན་པའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། བྱམས་པ་ཡོངས་སུ་བཟུང་བ་ཡིན། འདས་པ་དང་། མ་འོངས་པ་དང་། ད་ལྟ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀའ་དང་མི་འགལ་བར་བྱས་པ་ཡིན། དེ་ནན་ཏན་གྱི་སྙིང་པོར་བྱེད་པ་ཡིན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་པའོ། །
|
| Domain
|
ཆོས་ལུགས།
|
ཡོངས་སུ་འཛིན་པའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དེ་བཞིན་གཤེགས་པའི་སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། སྒྲིབ་པ་མེད་པའི་བློའི་རྣམ་པར་ཐར་པ་ཡོངས་སུ་འཛིན་པའོ། །
|
ཡོངས་སུ་འཛིན་པའི་ཆོས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
བརྟན་པའི་སེམས་ཡོངས་སུ་འཛིན་པ། ཁོང་ཁྲོ་བ་མེད་པའི་སེམས། སྙིང་རྗེ་ཆེན་པོ་ཡོངས་སུ་འཛིན་པ། ཕྱིན་ཅི་ལོག་གི་ཤེས་པ་སྤངས་ནས་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་འཐོབ་པའོ། །
|
ཡོངས་སུ་འཛིན་པའི་ཆོས་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མཆོག་ཡོངས་སུ་འཛིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མཆོག་དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ལྷ་གཞན་ལ་རྟོན་པར་མི་འགྱུར་བ། དྲན་པ་ཕུན་སུམ་ཚོགས་པ་མཆོག་འཐོབ་སྟེ། དྲན་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སྐྱེ་བར་སྐྱེ་ན་ཚེ་རབས་དྲན་པར་འགྱུར་བ། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་མཆོག་ཡོངས་སུ་འཛིན་ཏེ། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་མཆོག་དེ་དང་ལྡན་པས་བྱང་ཆུབ་སེམས་དཔའ་སངས་རྒྱས་འབྱུང་བ་དང་འབྲལ་བར་མི་འགྱུར། སངས་རྒྱས་འབྱུང་བ་དང་མི་འབྲལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར། གལ་ཏེ་སངས་རྒྱས་ནི་མ་བྱུང་ལ་ཛམྦུའི་གླིང་དུ་སྐྱེས་ནའང་སྐྱེས་བུ་དམ་པར་འགྱུར། ཛམྦུའི་གླིང་ན་སྦྱིན་པའི་གནས་གཅིག་པུར་འགྱུར། རང་སངས་རྒྱས་དང་། གཞན་མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། འདོད་པའི་འདོད་ཆགས་དང་བྲལ་བ་དེ་དག་མགུ་བར་བྱེད་པར་འགྱུར། དེ་དག་མགུ་བར་བྱས་ནས། བསོད་སྙོམས་འབུལ་བར་འགྱུར་བ། ལྷ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་ཏེ། ནམ་བག་མེད་པ་གྱུར་པ་དེའི་ཚེའང་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བསྐུལ་བར་འགྱུར། བསྐུལ་ནས་ཀྱང་བླ་ན་མེད་པ་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩོན་འགྲུས་རྩོམ་པར་འགྱུར། དེའི་དྲན་པ་ཆུད་མི་ཟ་བར་འགྱུར། བྱང་ཆུབ་ཡང་དག་པར་འགྲུབ་པའི་རྒྱུར་བརྩོན་འགྲུས་རྩོམ་པར་འགྱུར་རོ། །
|