72395

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་སྤང་བར་བྱ་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བར་བྱ་བ་ཡིན། ༢ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བུད་མེད་དང་འདྲེ་བ་ཡོངས་སུ་སྤང་བར་བྱ་བ་ཡིན། ༣ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཅེར་པུ་བའི་སྨྲ་བ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་སྤང་བར་བྱ་བ་ཡིན། ༤ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལོག་པར་ལྟ་བའི་རྒུད་པ་ཡོངས་སུ་སྤང་བར་བྱ་བའོ། །
Domain ཆོས་ལུགས།