72396

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་སྤང་བར་བྱ་བའི་མཚན་མ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། བྱིང་བའི་མཚན་མ་ནི། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་གང་གིས་སེམས་བྱིང་བ་ཉིད་དུ་འགྱུར་བའོ། །རྒོད་པའི་མཚན་མ་ནི། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་གང་གིས་སེམས་རྒོད་པར་འགྱུར་བའོ། །ཆགས་པའི་མཚན་མ་ནི། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་གང་གིས་སེམས་དམིགས་པ་ལ་ཆགས་པར་བྱེད། ཀུན་དུ་ཆགས་པར་བྱེད་ཅིང་ཀུན་དུ་ཉོན་མོངས་པར་བྱེད་པའོ། །རྣམ་པར་གཡེང་བའི་མཚན་མ་ནི། དམིགས་པའི་མཚན་མ་དང༌། གཞིའི་མཚན་མ་གང་གིས་སེམས་ཕྱི་རོལ་དུ་རྣམ་པར་གཡེང་བར་བྱེད་པའོ། །
Domain ཆོས་ལུགས།