72397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་སུ་སྤོང་བའི་གནས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། མུ་སྟེགས་ཅན་གྱི་ངར་འཛིན་པའི་གནས་ཡོངས་སུ་སྤོང་བ། དེ་ཁོ་ན་མ་མཐོང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པའི་གནས་ཡོངས་སུ་སྤོང་བ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ཀྱི་གནས་ཡོངས་སུ་སྤོང་བ། ཉོན་མོངས་པའི་སྒྲིབ་པ་སྤངས་པ་ཙམ་གྱིས་ཆོག་པར་འཛིན་པའི་གནས་ཡོངས་སུ་སྤོང་བ། སེམས་ཅན་གྱི་དོན་ལ་མི་ལྟ་བ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གནས་ཡོངས་སུ་སྤོང་བའོ། །
Domain ཆོས་ལུགས།