72417

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོད་པ་ (1)
Part of speech སྒྲུབ་ཚིག
Definition ལྡན་པའམ་མངའ་བ།
Example སྒོར་བརྒྱ་ཡོད་པའི་ནང་ནས་ལྔ་བཅུ་བོར་སོང་ཞེས་དང་། མི་དེའི་སེམས་ལ་ཡོད་པ་གདུག་རྩུབ་རེད་ཅེས་དང་། དོན་ཡོད་པའི་གཏམ་རེ་ཤོད་ཅེས་དང་། ལུགས་ལྔ་བརྒྱ་ཡོད་པའི་ནང་གི་སུམ་བརྒྱ་མ་མོ་རེད་ཅེས་པ་ལྟ་བུ།
Antonyms མེད་པ།
ཡོད་པ་ (2)
Part of speech སྒྲུབ་ཚིག
Definition བྱ་ཚིག་འདས་པའི་རྗེས་སུ་སྦྱར་ན། བྱ་བ་བྱུང་ཟིན་ནའང་དེའི་འབྲས་བུ་མུ་མཐུད་དུ་གནས་བཞིན་པ་སྟོན།
Example ངས་ཡི་གེ་བྲིས་ཡོད་ཅེས་དང་། ཇ་བསྐོལ་ཡོད་ཅེས་དང་། སྐད་བཏང་ཡོད་ཅེས་དང་། སྐད་ཆ་གསལ་པོ་བཤད་ཡོད་ཅེས་པ་ལྟ་བུ།
ཡོད་པ་ (1)
Part of speech མིང་ཚིག
Definition ཚད་མས་དམིགས་པ།
Domain ཚད་མ།