72453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ (1)
Part of speech མིང་ཚིག
Definition གླ་ཆ།
Example ལས་ཀ་བ་ཚོར་ཡོན་སྤྲད་ལྟ་བུ།
Type ཞེ་ས།
ཡོན་ (2)
Part of speech མིང་ཚིག
Definition དངོས་རྫས་སོགས་ཉོས་པའི་རིན་པ།
Example སྨན་ཡོན་དུ་རེད། དཔེ་ཆ་འདི་ལ་བླུ་ཡོན་སྒོར་དུ་ཕུལ་ལྟ་བུ།
ཡོན་ (3)
Part of speech མིང་ཚིག
Definition མང་འགྱེད་ཀྱི་སྐབས་སུ་དགེ་འདུན་པ་ལ་འབུལ་རྒྱུའི་འབུལ་བ།
Example དགེ་འདུན་པ་ལ་སྐུ་ཡོན་སྒོར་གཅིག་རེ་ཕུལ་ལྟ་བུ།
ཡོན་ (4)
Part of speech མིང་ཚིག
Definition ཡོན་ཏན་ཞེས་པའི་བསྡུས་ཚིག
Example མི་དེ་སྐུ་ཡོན་ཆེན་པོ་རེད་ལྟ་བུ།
Antonyms སྐྱོན།
ཡོན་ (5)
Part of speech མིང་ཚིག
Definition ཡོན་བདག་ཅེས་པའི་བསྡུས་ཚིག་སྟེ།
Example མཆོད་ཡོན་རྣམ་གཉིས་ཞེས་པ་ལྟ་བུ།
ཡོན་ (1)
Part of speech རྒྱན་ཚིག
Definition ཀྱག་ཀྱོག་གམ། འཁྱོག་པོ་སྟེ།
Example རྒད་པོ་སྐེ་ཡོན། ཕོ་གསར་མཛུབ་ཡོན་ལྟ་བུ།