72487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོན་ཏན་ཉི་ཤུ་རྩ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་ལང་གཤེགས་པའི་འགྲེལ་པ་ལས་བྱུང་བ་སྟེ། ༡ གཟུགས། ༢ རོ། ༣ དྲི། ༤ རེག་བྱ། ༥ ཚད། ༦ གྲངས། ༧ ཐ་དད་པ། ༨ སྦྱོར་བ། ༩ བྲལ་བ། ༡༠ གཞན། ༡༡ གཞན་མ་ཡིན་པ། ༡༢ བློ་རྣམས། ༡༣ བདེ་བ། ༡༤ སྡུག་བསྔལ་བ། ༡༥ འདོད་པ། ༡༦ ཞེ་སྡང་། ༡༧ ནན་ཏན། ༡༨ གཤེར་བ། ༡༩ ལྕི་བ། ༢༠ སྣུམ་པ། ༢༡ འདུ་བྱེད། ༢༢ མ་མཐོང་བ། ༢༣ མཐོང་བ། ༢༤ སྒྲ་བཅས་སོ། །
Domain ཆོས་ལུགས།
ཡོན་ཏན་ཉི་ཤུ་རྩ་བཞི་ (2)
Part of speech མིང་ཚིག
Definition ༡ གཟུགས། ༢ སྒྲ། ༣ དྲི། ༤ རོ། ༥ རེག་བྱ། ༦ མིག་གི་བློ། ༧ རྣ་བའི་བློ། ༨ སྣའི་བློ། ༩ ལྕེའི་བློ། ༡༠ ལུས་ཀྱི་བློ། ༡༡ གྲངས། ༡༢ བོང་ཚོད། ༡༣ སོ་སོ་བ། ༡༤ ཕྲད་པ། ༡༥ དབྱེ་བ ། ༡༦ གཞན་མ་ཡིན་པ། ༡༧ བདེ་བ། ༡༨ སྡུག་བསྔལ། ༡༩ འདོད་པ། ༢༠ སྡང་བ། ༢༡ ཆོས། ༢༢ ཆོས་མ་ཡིན་པ། ༢༣ འདུས་བྱས་པའི་ཤུགས། ༢༤ འབད་པ་བཅས་སོ། །
ཡོན་ཏན་ཉི་ཤུ་རྩ་བཞི་ (3)
Part of speech མིང་ཚིག
Definition བྱེ་བྲག་པ་དང་རིག་པ་ཅན་པའི་འདོད་པའི་ཡོན་ཏན་ཏེ། ༡ གཟུགས། ༢ རོ། ༣ དྲི། ༤ རེག་བྱ། ༥ གྲངས། ༦ ཚད། ༧ སོ་སོ་བ། ༨ ལྡན་པ། ༩ རྣམ་པར་དབྱེ་བ། ༡༠ གཞན་དང་། གཞན་མ་ཡིན་པ། ༡༡ བློ་རྣམས། ༡༢ བདེ་བ། ༡༣ སྡུག་བསྔལ། ༡༤ འདོད་པ། ༡༥ སྡང་བ། ༡༦ འབད་པ། ༡༧ ལྕི་བ། ༡༨ སྣུམ་པ། ༡༩ འདུས་བྱས། ༢༠ ཆོས། ༢༡ ཆོས་མིན་པ། ༢༢ སྒྲ། ༢༣ དྲོ་བ། ༢༤ གཤེར་བ་བཅས་སོ། །