72503
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཐོན་ལམ་གྱི་སྐབས་སུ་ཐོབ་པའི་ཡོན་ཏན་ཏེ། ༡ དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་མཐོང་བ། ༢ སངས་རྒྱས་བརྒྱས་བྱིན་གྱིས་བརླབ་པར་ཤེས་པ། ༣ སྤྲུལ་པ་བརྒྱ་འགྱེད་པ། ༤ དུས་སྐད་ཅིག་མ་གཅིག་ལ་བསྐལ་པ་བརྒྱར་སྟོན་པ། ༥ སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ། ༦ ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ། ༧ སེམས་ཅན་བརྒྱ་སྨིན་པར་བྱེད་པ། ༨ ཞིང་ཁམས་བརྒྱ་གཡོ་བར་བྱེད་པ། ༩ ཞིང་ཁམས་བརྒྱ་འོད་ཀྱིས་གསལ་བར་བྱེད་པ། ༡༠ ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ། ༡༡ རང་གི་ལུས་བརྒྱར་སྟོན་པ། ༡༢ ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱས་བསྐོར་བར་སྟོན་པ་བཅས་སོ། ། |
| Domain | ཆོས་ལུགས། |